The venerable Shariputra said: “I see that this great world is filled with high and low [mountains], abysses and filth.” The Brahmin Relpachen, who came from the [Buddha]-land of Buddha Ashoka, said: “I see that this field of the exalted Shakyamuni Buddha is as pure as the perfect designs of the Paranirmita realm of gods.” Then, because the Exalted One revealed the nature of this Buddha-field to the assembly of retinues, everyone saw it as completely pure as the Buddha-field “Arrangement of Jewels” of the precious Buddha of the Eastern direction. Thus, at that time, the Exalted One proclaimed: “My Buddha-field is always like this; but you do not perceive it.”
Rigdzin Chöky Dragpa, summarizing a passage from the Vimalakirtinirdesha Sutra (D vol. 60, fol. 180v f.) in his དགོངས་པ་གཅིག་པའི་རྣམ་བཤད་ཉི་མའི་སྣང་བ། Kagyu College, 2007, p. 83.
བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་ག྄ཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་། །ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། །བདག་གིས་བཅོམ་ལྡམ་འདས་ཤཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་དག་པར་མཐོང་ངོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་སྟོན་པར་མཛད་པས་ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ་ཁྱེད་རྣམས་ཀྱིས་མི་མཐོང་ངོ་།